⚜️《二十一度母禮讚文》ཕྱག་འཚལ་སྒྲོལ་མ་ཉེར་གཅིག
⚜️རིག་འཛིན་མཐར་ཕྱིན་ནས་བསྒྱུར། 持明 仁增塔欽仁波切新譯
⚜️作曲:རིག་འཛིན་མཐར་ཕྱིན། 仁增塔欽仁波切
⚜️演唱:ཚངས་དབྱངས་བདེ་ཆེན། 倉央龍措
སྒྲོལ་མ་ཉེར་གཅིག ཚངས་དབྱངས་ལང་ཚོ།持明歌手 倉央龍措

Wechat:https://mp.weixin.qq.com/s/LExTeq9uReQwTsxDe0VAzg

YouTube藏:https://youtu.be/GpH6gnBark4?si=ClZNdmi6B9QhGBOQ

YouTube漢:https://youtu.be/xtEfJh__kLE?si=Olv62iz5DdAHAfQH

བོད་སྐད་ཀྱི་སྒྲོལ་མ་ཉེར་གཅིག། ༡
སྒྲོལ་མ།
ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།།
嗡 尊勝母至母救母誠頂禮
1
ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།།
頂禮度母速女雄母
སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།།
目猶剎那迅雷光耀
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།།
滅依三怙水生花貌
གེ་སར་བྱེ་བ་ལས་ནི་བྱུང་མ།།
花蕊千萬內綻嚴母
2
ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ།།
頂禮皎潔秋月悉全
གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ།།
勝滿百謂容顏勇母
སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས།།
星宿千聚眾等牽引
རབ་ཏུ་ཕྱེ་བའི་འོད་རབ་འབར་མ།།
極至綻開勝光燃母
3
ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱིས།།
頂禮黃藍水誕蓮引
པདྨས་ཕྱག་ནི་རྣམ་པར་བརྒྱན་མ།།
蓮花手持勝富嚴母
སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།།
布施精進苦淨寂息
བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ།།
忍辱禪定俱擁權母
4
ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།།
頂禮法界至寶頂髻
མཐའ་ཡས་རྣམ་བར་རྒྱལ་བར་སྤྱོད་མ།།
廣袤無垠恆勝行母
མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།།
無遺臻慧究岸獲致
རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ།།
永勝佛子極尊恃母
5
ཕྱག་འཚལ་ཏུཏྟ་ར་ཧཱུྃ་ཡི་གེས།།
頂禮度德瑞吽字引
འདོད་དང་ཕྱོགས་་དང་ནམ་མཁའ་གང་མ།།
欲界十方虛空盈母
འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།།
滅依器界足下壓服
ལུས་པ་མེད་པར་འགུགས་པར་ནུས་མ།།
悉全無餘鉤俱力母
6
ཕྱག་འཚལ་བརྒྱ་བྱིན་་མེ་ལྷ་ཚངས་པ།།
頂禮百釋火神梵天
རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ།།
風神諸種自在供母
འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌།།
部多起屍尋香眾及
གནོད་བྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ།།
施害紛至前禮敬母
7
ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས་།།
頂禮名摘以及呸引
ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ།།
彼方輪轉摧毀降母
གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ།།
踡右蹍左足履鎮服
མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ།།
火燃攪動極燃耀母
8
ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ།།
頂禮德瑞大怖畏女
བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།།
群魔勇士咸皆降母
ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད།།
鮮花相謂蹙額顰眉
དགྲ་བོ་ཐམས་ཅད་མ་ལུས་གསོད་མ།།
怨敵悉全無遺滅母
9
ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི།།
頂禮三寶標誌手印
སོར་མོའི་ཐུགས་ཀར་རྣམ་པར་བརྒྱན་མ།།
手指當心端麗嚴母
མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི།།
無存方型輪引莊飾
རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ།།
自身光眾明燦耀母
10
ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི།།
頂禮至樂晶明威力
དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ།།
首飾光環珠鬘綴母
བཞད་པ་རབ་བཞད་ཏུཏྟཱ་ར་ཡིས།།
歡笑極笑德大日引
བདུད་དང་འཇིག་རྗེན་དབང་དུ་མཛད་མ།།
魔及滅依懷下伏母
11
ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས།།
頂禮地根守護諸眾
ཐམས་ཅད་འགུགས་པར་ནུས་མ་ཉིད་མ།།
悉全鉤召俱力量母
ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས།།
怒蹙撼動吽字牽引
ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ།།
貧困災患降伏救母
12
ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན།།
頂禮月塊以首莊嚴
བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ།།
諸嚴飾物晶瑩燦母
རལ་པའི་ཁྲོད་ན་འོད་དཔག་མེད་ལས།།
髻中化現無量光佛
རྟག་པར་ཤིན་ཏུ་འོད་རབ་རབ་མཛད་མ།།
恆放明耀極至行母
13
ཕྱག་འཚལ་བསྐལ་བའི་ཐ་མའི་མེ་ལྟར།།
頂禮滅劫等同火焰
འབར་བའི་ཕྲེང་བའི་དབུས་ན་གནས་མ།།
燃燒綴鬘中安住母
གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི།
右展左盤歡悦環繞
དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ།།
敵軍時刻摧滅盡母
14
ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི།།
頂禮地表以手按置
མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ།།
手掌擊打足踏跺母
ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུྂ་གིས།།
怒皺眉目作吽字引
རིམ་པ་བདུན་པོ་རྣམས་ནི་འགེམས་མ།།
次第七層咸摧毀母
15
ཕྱག་འཚལ་བདེ་མ་དགེ་མ་ཞི་མ།།
頂禮樂母善母喜母
མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ།།
涅槃之極俱擁權母
སྭ་ཧཱ་ཨོཾ་དང་ཡང་དག་ལྡན་པས།།
梭哈嗡語實相俱因
སྡིག་པ་ཆེན་པོ་འཇོམས་པ་ཉིད་མ།།
罪愆極大咸摧㓕母
16
ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི།།
頂禮普出環繞至樂
དགྲ་ཡི་ལུས་ནི་རྣམ་པར་འགེམས་མ།།
敵身悉能即刻擊破
ཡི་གེ་བཅུ་པའི་ངག་ནི་བཀོད་པའི།།
十字咒句嚴妙置放
རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ།།
本覺吽字救母勝母
17
ཕྱག་འཚལ་ཏུ་རེ་ཞབས་ནི་བརྡབས་པས།།
頂禮德日足履踏跥
ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ།།
嗡之様勢為種字毌
རི་རབ་མནྡ་ར་དང་འབིགས་བྱེད།།
彌山曼達以及石山
འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།།
滅依三界悉撼動母
18
ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི།།
頂禮天界如海相貌
རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ།།
野獸標誌手中執母
ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས།།
德日二誦呸字音引
དུག་རྣམས་མ་ལུས་པ་ནི་སེལ་མ།།
毒害一切悉淨化母
19
ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ།།
頂禮天界眾尊之王
ལྷ་དང་མི་འམ་ཅི་ཡིས་བསྟེན་མ།།
人天非人咸依靠母
ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས།།
悉出鎧甲歡樂力引
རྩོད་དང་རྨི་ལམ་ངན་པ་སེལ་མ།།
爭鬥惡夢淨除滅母
20
ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི།།
頂禮日月勝增綻放
སྤྱན་གཉིས་པོ་ལ་འོད་རབ་གསལ་མ།།
雙目極至燦爛明母
ཧ་ར་གཉིས་བརྗོད་ཏུཏྟཱཡིས།།
哈惹二誦德大日以
ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ།།
極危瘟疫悉淨滅母
21
ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས།།
頂禮三義莊嚴安住
ཞི་བའི་ཐུ་དང་ཡང་དག་ལྡན་མ།།
息寂氣力俱真理母
གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས།།
邪魔起屍施害眾類
འཇོམས་པ་ཏུ་རེ་རབ་མཆོག་ཉི་མ།།
摧滅德瑞寂尊真母
རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང༌།།
此為根本咒禮讚及
ཕྱག་འཚལ་བ་ནི་སྒྲོལ་མ་ཉི་ཤུ་རྩ་གཅིག།
頂禮順成共二十一
持明新譯

 





網路資訊
相關資料
   
相關圖片